བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
དེ་རིང་སྔ་དྲོ། སྲིད་གྲོས་སྐབས་༡༣པའི་ཚོགས་འདུ་ཐེངས་༥པ་གྲོལ་འདུག

དུས་ཚོད།:2022-03-10 18:13:01 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

11.png

22.jpg

མཇུག་འགྲིལ་ཚོགས་འདུའི་ཚོགས་ར། 

    ཚེས་༡༠ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུ་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཕེབས་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།

33.jpgམཇུག་འགྲིལ་ཚོགས་འདུའི་ཚོགས་ར། 

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་གཞི་༥༩༧༩འབྱོར་ཡོད། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི་༤༩༧༩སྒྲུབ་ཁོངས་སུ་བཅུག་པ་དང་། གྲོས་གཞི་༣༥ཟླ་སྒྲིལ་བཏང་བ། བསམ་འཆར་དང་གྲོས་འགོར་བསྒྱུར་བའི་གྲོས་གཞི་༩༦༥ཡོད། སྒྲུབ་ཁོངས་སུ་བཅུག་པའི་གྲོས་གཞིའི་ནང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་༡༩༡༡ཡོད་པ་དེས་༣༨.༤%བཟུང་བ་དང་། ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་༤༩༩ཡོད་པ་དེས་༡༠.༠%བཟུང་བ། རིག་གནས་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་༣༨༩ཡོད་པ་དེས་༧.༨%བཟུང་བ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་༡༥༤༣ཡོད་པ་དེས་༣༡.༠%བཟུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་༦༡༣ཡོད་པ་དེས་༡༢.༣%བཟུང་བ། ཕྱོགས་གཞན་དག་ཐད་ཀྱི་གྲོས་གཞི་༢༤ཡོད་པ་དེས་༠.༥%བཟུང་བ་བཅས་རེད།

44.jpg

མཇུག་འགྲིལ་ཚོགས་འདུའི་ཐོག་དམག་དཔུང་རོལ་ཆའི་རུ་ཁག་གིས་རོལ་ཆ་དཀྲོལ་བཞིན་པ།

རྡེབ་གནོན་གྲངས་ཚད། TOP