བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཕུལ་བྱུང་འོས་སྦྱོར།།
ལྷ་མོའི་སྒྱུ་རྩལ།| གེ་སར་སྒྲུང་།
  • ལྷ་མོའི་སྒྱུ་རྩལ།

    སྤྱི་ཟླ་5པའི་ཚེས་22ཉིན།༼ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་འཁྲབ་སྟོན་དང་རིག་གནས་གསར་སྤེལ་ཐོན་རྫས་དངོས་མང་འགྲེམས་ཚོགས་༽དེ་ཧྲང་ཧའེ་འགྲེམས་སྟོན་ལྟེ་གནས་སུ་བདེ་བླག་ངང་མཇུག་སྒྲིལ་བ་རེད།བོད་ལྗོངས་འགྲེམས་ཁང་གིས་༼རིག་གནས་གསར་སྤེལ་གྱི་བོད་ལྗོངས་༽ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་ཚུན། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཕུལ་བྱུང་གྲུབ་འབྲས་ཁག་གཅིག་བསྡུས་ཐོག་མིག་གི་དགའ་སྟོན་དུ་བཤམས་ཡོད་པ་རེད། བོད་ལྗོངས་དཔེ་མཛོད་ཁང་གི་གསར་སྤེལ་རིག་རྫས་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་ནང་ཐོག་མར་བཞུགས་པ་རེད།འགྲེམས་སྟོན་རིང་། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས་སྐབས་བཅུ་གཉིས་པའི་ཧྲང་ཧའེ་སྒྱུ་རྩལ་དུས་ཆེན་གྱི་རིག་གནས་གསར་སྤེལ་ཐོན་རྫས་དངོས་མང་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་དུ་གཟིགས་སྐོར་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ།སྐབས་བཅུ་གཉིས་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་ར་བློ་བཟང་བསྟན་འཛིན་དང་། རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ལུང་ཀྲེ་ཀང་རྣམ་གཉིས་མཉམ་དུ་ཕེབས་གནང་ཡོད་པ་རེད། 
རྒྱལ་ཡོངས་ས་གནས་ཁག་གི་ལྟ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཕེབས་ཡོད་པ་དང་།  ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་ལྗོངས་དཔེ་མཛོད་ཁང་གི་གསར་སྤེལ་རིག་རྫས་ཁག་ལ་ཧ་ཅང་དགའ་པོ་བྱེད་བཞིན་ཡོད་པ་རེད། 
དུས་རབས་བཅུ་དྲུག་པའི་ནང་གི་གནམ་རིག་སྐར་རྩིས་རི་མོ་བརྗོད་བྱ་གཙོ་བོར་བྱས་པའི་ཆར་གདུགས་དང་རྩི་པ་ཊས་བརྒྱན་པའི་ཟིན་བྲིས་འབྲི་དེབ།  དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ལྡན་པའི་ཁུག་མ་སོགས་ལ་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།

  • གེ་སར་སྒྲུང་།

བོད་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོ། དེ་ལས་མང་།>
གནའ་དཔེའི་མིང་ཐོ། དེ་ལས་མང་།>