བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
བསྟན་འཛིན་ལགས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་གི་ལྗོངས་བཙོན་ཁང་ཡན་ལག་མཛོད་ཁང་ལ་ཆ་བསྐུར་བ།

དུས་ཚོད།:2018-11-01 22:31:59 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

བསྟན་འཛིན་ལགས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་གི་ལྗོངས་བཙོན་ཁང་ཡན་ལག་མཛོད་ཁང་ལ་ཆ་བསྐུར་བ།

         ད་ལོའི་ཟླ་༤པར་བོད་ལྗོངས་དཔེ་མཛོད་ཁང་གིས་དཔེ་ཀློག་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་ཆེད་དང་། བཙོན་ཁང་དུ་ཁྲིམས་ཆད་འཁུར་བཞིན་པའི་མིའི་དཔེ་ཀློག་གི་དགོས་མཁོ་སྐོང་ཐབས་ལ་དམིགས་ནས། རང་སྐྱོང་ལྗོངས་བཙོན་ཁང་དུ་བོད་ལྗོངས་དཔེ་མཛོད་ཁང་གི་ཡན་ལག་མཛོད་ཁང་ཞིག་གསར་འཛུགས་བྱས་ཏེ།  དེར་རྩོམ་རིག་དང་། ལག་རྩལ།  སློབ་གསོ། ལོ་རྒྱུས།  བདེ་ཐང་།  ཚིག་མཛོད་སོགས་རིགས་མི་འདྲ་བ་ཉེར་གཅིག་གི་དཔེ་དེབ་༣༠༠༠ལྷག་འདོན་སྤྲོད་བྱས་ཡོད།
         ད་ལོའི་ཟླ་༨པར་དེ་སྔའི་བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ།   ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་གི་ལྗོངས་བཙོན་ཁང་ཡན་ལག་མཛོད་ཁང་གསར་དུ་བཙུགས་པར་རྟེན་འབྲེལ་ཞུས་པ་མ་ཟད།   ད་དུང་༼འཐུས་ཚང་བའི་དཔེ་མཛོད་ཁང་ནི་དགོས་འདོད་འབྱུང་བའི་གཏེར་མཛོད་ཅིག་དང་གཉིས་སུ་མེད་ལ།  དཔེ་དེབ་ནི་བློ་གྲོས་ཀྱི་འོད་སྣང་སྩོལ་བའི་མར་མེ་ཚེ་འབར་དེ་ཡིན་པས།  དཔེ་ཀློག་གིས་སུན་སྣང་གི་དུས་དེ་ཡང་དགའ་སྤྲོའི་དུས་ཡུན་ཞིག་ཏུ་བསྒྱུར་ནུས།༽ཞེས་པའི་ཆ་བསྐུར་ཡོང་སྟེ་ཁྲིམས་ཆད་འཁུར་བཞིན་པའི་མི་རྣམས་དཔེ་ཀློག་ལ་གཞོལ་དགོས་པ་དང་།  དཔེ་ཀློག་གི་ལམ་ནས་བཙོན་ཁང་ནང་གི་འཚོ་བ་བསྐྱལ་ཏེ་རང་ཉིད་ཀྱི་མི་ཚེ་ལ་འགྱུར་ལྡོག་གཏོང་དགོས་པའི་སྐུལ་ལྕག་གནང་།640.jpg


         ལྗོངས་བཙོན་ཁང་ཡན་ལག་མཛོད་ཁང་གི་དཔེ་ཀློག་ཁྱབ་གདལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོར་གཏོང་ཆེད།  ཉེ་ཆར་བོད་ལྗོངས་དཔེ་མཛོང་ཁང་གིས་དཔེ་ཀློག་ཁྱབ་གདལ་པ་ཐུབ་བསྟན་ཕུན་ཚོགས་ལགས་གདན་འདྲེན་ཞུས་ཏེ། བོད་ལྗོངས་དཔེ་མཛོད་ཁང་གི་འཆད་ཁྲིད་མུན་སེལ་སྒྲོན་མེའི་འཆད་སྟེགས་བཙོན་ཁང་དུ་བསྐྱོད་པ་དང་།  ཆབས་ཅིག་ཁྲིམས་ཆད་འཁུར་བཞིན་པའི་མིས་དཔེ་དེབ་ཡག་པོ་གཅིག་བཀླགས་ཏེ་རང་ཉིད་ཀྱི་འགྱུར་ལྡོག་གླེང་བ་ཞེས་པའི་དཔེ་ཀློག་མྱོང་ཚོར་བརྗོད་པའི་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ཚོགས།  ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་ཡིད་དབང་འགུག་པའི་གཏམ་བཤད་དང་དཔེ་ཀློག་གི་མྱོང་ཚོར་ཟབ་མོས་ཁྲིམས་ཆད་འཁུར་བཞིན་པའི་མི་རྣམས་ལ་སེམས་འགུལ་དྲག་པོ་ཐེབས་པ་དང་།   ཁོ་ཚོའི་དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་།  འཇིག་རྟེན་ལྟ་བ།  རིན་ཐང་ལྟ་བ་ཡང་དག་པ་ཞིག་འཛུགས་རྒྱུའི་ཆོད་སེམས་ཀྱང་ཇེ་བརྟན་དུ་སོང་།   22.jpg

      བྱེད་སྒོ་མཇུག་བསྒྲིལ་རྗེས་ཁྲིམས་ཆད་འཁུར་བཞིན་པའི་མི་རྣམས་ཀྱིས་རང་འགུལ་གྱིས་བཙོན་ཁང་གི་དོ་དམ་མི་སྣར་ཁོ་ཚོས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་འབྲི་རྩལ་གྱི་ལམ་ནས་དཔེ་མཛོད་ཁང་དང་།  ཁོ་ཚོར་ཐུགས་ཁུར་དང་རོགས་རམ་གནང་མཁན་གྱི་དཔེ་ཀློག་ཁྱབ་གདལ་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་རེ་བ་བཏོན།
        མ་འོངས་པར་བོད་ལྗོངས་དཔེ་མཛོད་ཁང་གིས་སྤྱི་པའི་དཔེ་མཛོད་ཁང་ཞིག་གི་འགན་འཁྲི་དང་དུ་བླངས་ཏེ་ཁྲིམས་ཆད་འཁུར་བཞིན་པའི་མིའི་དཔེ་ཀློག་གི་དགོས་མཁོ་ལ་གཞིགས་ནས།  མུ་མཐུད་དུ་བཙོན་ཁང་ནས་དཔེ་ཀློག་གི་ཞབས་ཞུ་སྣ་ཚོགས་སྤེལ་ཏེ་ཁོ་ཚོའི་ཉེས་འཁུར་གྱི་དུས་ཡུན་དེ་སློབ་སྦྱོང་གི་དུས་ཡུན་དུ་བསྒྱུར་བར་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།33.jpg


རྡེབ་གནོན་གྲངས་ཚད། TOP