བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
རྒྱལ་སྟོན་ཉིན་མོར་ཚངས་དབྱངས་གླིང་སྒྲུང་ལེ་ཚན་གཏོང་འགོ་ཚུགས་པ།

དུས་ཚོད།:2018-10-01 21:50:36 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་རླུང་འཕྲིན་ཁང་།

 640.jpg

      སྤྱི་ཟླ༡༠པའི་ཚེས༡ཉིན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་དཔེ་མཛོད་ཁང་གིས་མཉམ་གཉེར་བྱས་པའི་ཚངས་པའི་དབྱངས་ཞེས་པའི་གླིང་སྒྲུང་ལེ་ཚན་གཏོང་འགོ་ཚུགས་པའི་མཛད་སྒོ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་འཚོགས་པ་རེད།

    བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་སྐུ་གཞོན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི། དབུ་འཛིན་སྐུ་གཞོན་ཏོན་ཧྲེང་ཇན་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་དབུ་འཛིན་གཞོན་པ་སྐལ་བཟང་ཡོན་ཏན། བོད་ལྗོངས་དཔེ་མཛོད་ཁང་གི་དབུ་འཛིན་ཚེ་བརྟན་བུ་ཁྲིད། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་ལྟེ་གནས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་ཁམས་སྐད་རླུང་འཕྲིན་གྱི་ལས་དོན་མི་སྣ་སོགས་མཛད་སྒོར་ཞུགས་པ་རེད། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་དབུ་འཛིན་སྐུ་གཞོན་སྐལ་བཟང་ཡོན་ཏན་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།


ཧྲུའུ་ཅི་ཏོན་ཧྲེང་ཇན་གྱིས་གལ་ཆེའི་གསུང་བཤད་གནང་བ།

ཁོང་གིས་ཁམས་སྐད་རླུང་འཕྲིན་གྱི་ལས་མི་ཡོངས་ཀྱིས་གཅིག་ནས་ཕྱིས་འབྱུང་གི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཁྲོད་ཞིའི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ལས་དོན་ལ་མཛུབ་ཁྲིད་དང་།གོམ་གང་མདུན་སྤོས་ཀྱིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་བཅས་བཏང་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་དྲིལ་བསྒྲགས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཏན་ཏིག་བྱེད་དགོས་པ་དང་།གཉིས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། མུ་མཐུད་དེ་ཐབས་དང་རྣམ་པ་སྣ་ཚོགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དེ་བས་ལེགས་པའི་ཕུལ་བྱུང་གི་བརྩམས་བྱ་གང་མང་གཏོད་ནས་རང་ལྗོངས་ཀྱི་རྒྱ་ཆེ་བའི་རླུང་འཕྲིན་གསན་མཁན་རྣམས་ལ་བསམ་པའི་རྒྱགས་ཕྱེ་མཁོ་འདོན་གང་ལེགས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།


                                                                                     བོད་ལྗོངས་དཔེ་མཛོད་ཁང་གི་དབུ་འཛིན་ཚེ་བརྟན་བུ་ཁྲིད་ལགས་ཀྱིས་ཤིས་ཚིག་བསྒྲོན་པ།

ཁོང་གིས་ཤིས་ཚིག་བསྒྲོན་སྐབས་བོད་ལྗོངས་དཔེ་མཛོད་ཁང་གི་འོས་འགན་ནི་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་དང་མི་རིགས་རིག་གནས་དར་སྤེལ།ཤེས་རིག་ཆ་འཕྲིན་བརྒྱུད་བསྒྲགས། ཞབས་ཞུའི་འདུ་ཤེས་གསར་གཏོད། ཞབས་ཞུ་བྱ་ནུས་རྒྱ་བསྐྱེད་བཅས་བཏང་སྟེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་རྒྱུན་བསྲིང་འཕེལ་རྒྱས་ལ་བསམ་བློའི་སྒུལ་ཤུགས་དང་རིག་ནུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དེ་རེད་ཅེས་གསུངས་པ་རེད།ལེ་ཚན་འདིའི་ནང་དོན་ནི་རིག་གནས་པུའུ་རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱི་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་ལས་ནག་ཆུའི་སྒྲུང་པ་བཅོ་ལྔ་ཙམ་ལ་བབས་པའི་གཞན་གྱིས་འཆད་གྱེར་མ་ཐུབ་པའི་དམིགས་བསལ་གྱི་གླིང་སྒྲུང་སུམ་ཅུ་སོ་དྲུག་དང་། བོད་བྱང་ཐང་གི་ཡུལ་ན་ཅུང་གྲགས་ཆེ་བའི་སྒྲུང་པ་བདུན་གྱིས་བཤད་པའི༼རྫོང་ཆེན་བཅོ་བརྒྱད༽ཡིན།


ཤེས་རྟོགས་བྱུང་བར་གཞིགས་ན། ཚངས་པའི་དབྱངས་ཞེས་པའི་གླིང་སྒྲུང་ལེ་ཚན་འདི་ཁམས་སྐད་རླུང་འཕྲིན་ཐོག་ཉིན་ལྟར་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ནས་བཅུ་གཅིག་བར་གཏོང་རྒྱུ་དང་། སྒྲ་ཕབ་བྱས་ཟིན་པའི་རྣམ་གྲངས་ལ་གཞིགས་ན་ལེ་ཚན་འདི་ནི་དུས་ཡུན་ལོ་བཅུ་བདུན་ཙམ་གཏོང་ཐུབ་རྒྱུ་ཡིན་པ་རེད།



长按二维码

关注我们



རྡེབ་གནོན་གྲངས་ཚད། TOP