བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོའི་ངོ་མཚར་ཆེ་བའི་རྣམ་པ།

དུས་ཚོད།:2022-02-22 11:37:29 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    ཟླ་2ཚེས་20ཉིན་གྱི་དགོང་མོ་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། ཡར་ཐོན་བཅས་ཀྱི་ལེའུ་གསར་པ་བརྩམས་པ་དང“མཉམ་དུ་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་མཉམ་སྒྲོག་རོལ་དབྱངས་དཀྲོལ་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་ཆེད་འགུལ་ཤུགས་ཆེན་པོ་བསྣན་ཡོད། གཤམ་ལ་ང་ཚོ་མཉམ་དུ་ཡིད་དབང་འཕྲོག་པའི་མཇུག་འགྲིལ་མཛད་སྒོའི་པར་རིས་ལ་ལན་གཅིག་གཟིགས་དང་།

11.jpg

  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོའི་ཐོག་ཤོག་སྦག་སྤོར་བཞིན་པ།

33.jpg

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོའི་མེ་བསད་པ།

44.jpg

    རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡིས་ཤིས་ཚིག་སྒྲོན་པ།

55.jpg

 སྐབས་རྗེས་མའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་གྲོང་ཁྱེར་དབྱི་ཐ་ལི་སྨི་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་སཱ་ལ་དང་ཁེར་ཏི་ན་ཏན་ཧྥེ་ཙུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀའེ་ཏི་ན་ཡིས་ཨོ་ལིམ་ཕིག་གི་ཚོགས་དར་གཡུག་གཡུག་གཏོང་བཞིན་པ།

66.jpg

  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་དབྱི་ཐ་ལིའི་རྒྱལ་དར་བསྒྲེངས་ནས་དབྱི་ཐ་ལིའི་རྒྱལ་གླུ་ལེན་བཞིན་པ།

77.jpg

 གྲོགས་པོ་ཆུང་ཆུང་ཚོས་ཨོ་ལིམ་ཕིག་གི་ཚོགས་གླུ་ལེན་བཞིན་པ།

88.jpg

  དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་འཐུས་མིས་གར་སྟེགས་ཐོག་འཛེགས་ནས་འཁྲབ་སྟོན་བྱེད་བཞིན་པ།

99.jpg

   འཐུས་མི་ཚོགས་པ་ཁག་གི་བདམས་ཐོན་པས་ལྟད་མོ་ལྟ་ཡུལ་དུ་བཞུགས་བཞིན་པ།

10.jpg

ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་འགྲན་རར་སྐྱོད་བཞིན་པ།

7777.jpg

    འཐུས་མི་ཚོགས་པ་ཁག་གི་ལུས་རྩལ་པ་འགྲན་རར་སྐྱོད་བཞིན་པ།

12.jpg

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་འཚོག་ཡུལ།

13.jpg

 འཐུས་མི་ཚོགས་པ་ཁག་གི་དར་ཆ་འཁྱེར་མཁན་འགྲན་རར་སྐྱོད་བཞིན་པ།

14.jpg

 པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་བཞིན་པ།

15.jpg

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་འཚོག་ཡུལ།


རྡེབ་གནོན་གྲངས་ཚད། TOP