བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
མཚན་ཚོཌ་འདིར་གྲངས་ཉུང་མི་རིཌ་ཀྱི་ལེ་ཚན་མང་པོ་འཁྲབ་སྟོན་བྱས་འདུག།

དུས་ཚོད།:2021-09-06 10:53:18 རྩོམ་སྒྲིག:མིག་དམར། འབྱུང་ཁུངས།:བོད་ལྗོང་ཉིན་རེའི་ཚགས་པར།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་གཉེར་བྱས་པ་དང་། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་གཉེར་འགན་འཁུར་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་མཚན་ཚོགས་ཟླ་8ཚེས་31ཉིན་གྱི་དགོང་མོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད།

    ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་རླབས་པོ་ཆེ་ཐོབ་པའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་བཟང་འདིར་མི་རིགས་ཁག་གི་གཅེན་གཅུང་ཚང་མ་མཉམ་འཛོམས་ཀྱིས་བསྟོད་གླུ་བླངས་ཏེ་ཏང་ལ་སྨོན་འདུན་ཟབ་མོ་ཞུས་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ལེ་ཚནགངས་ལྗོངས་ཀྱི་དྲོ་འཇམ་ཉི་འོདཅེས་པ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱས་ཡོད་པ་རེད།


རྡེབ་གནོན་གྲངས་ཚད། TOP