ཀློག་པ་པོ་ཚོར་མཛའ་བརྩེའི་དྲན་སྐུལ།

དུས་ཚོད།:2018-11-04 12:31:18 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

 ཀློག་པ་པོ་ཚོར་མཛའ་བརྩེའི་དྲན་སྐུལ།


1541305037230035471.jpg

        བོད་ལྗོངས་དཔེ་མཛོད་ཁང་བསྐྱར་སྐྲུན་བྱས་ཏེ་༢༠༡༦ལོའི་ཟླ་བ་༦པའི་ཚེས་༡ཉིན་ནས་རྒྱ་ཆེའི་ཀློག་པ་པོ་ཚོར་དངོས་སུ་སྒོ་འབྱེད་བྱུང་རྗེས་ཀློག་པ་པོའི་གྲངས་ཚད་ཀྱང་སྔར་ལས་ཇེ་མང་དུ་སོང་ཡོད། འདིར་ཆེད་དུ་དྲན་སྐུལ་ཞུ་དགོས་པ་ཞིག་ལ། ཀློག་པ་པོ་མི་ཉུང་བ་ཞིག་གིས་དཔེ་མཛོད་ཁང་གི་དཔེ་ཀློག་ཁུལ་དང་བཅོལ་སྒྲོམ་ཁུལ་གང་སར་ཡུན་རིང་པོར་རང་ཉིད་ཀྱི་དཔེ་དེབ་དང་ཅ་དངོས་གཞན་བཞག་ནས། དཔེ་ཀློག་ཁུལ་གྱི་སྡོད་གནས་དང་གཙང་སྦྲའི་ཁོར་ཡུག་གང་སྤྱིར་ཤུགས་རྐྱེན་མི་ཉུང་བ་ཞིག་བཟོ་བཞིན་འདུག་པས། སྤྱི་པའི་དཔེ་མཛོད་ཁང་གི་ཁོར་ཡུག་དང་སྒྲིག་བཀོད་སོགས་སྔར་ལས་ལྷག་པའི་སྤྱོད་སྒོ་གང་ལེགས་ཡོང་ཕྱིར་སྡེ་ལས་ཀུང་སིས་དཔེ་མཛོད་ཁང་གི་སྤྱི་པའི་དཔེ་ཀློག་ཁུལ་དང་བཅོལ་སྒྲོམ་ཁུལ་སོགས་གང་སར་གཙང་སེལ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་ཚོས་༢༠༡༨ལོའི་ཟླ་བ་༡༡པའི་ཚེས་༢༤ཉིན་གྱི་གོང་དུ་རང་ཉིད་ཀྱི་ཅ་དངོས་རྩིས་ལེན་གནང་བར་ཕེབས་རོགས། དུས་འགྱངས་བྱུང་ཚེ་ངེད་དཔེ་མཛོད་ཁང་ནས་མེད་པར་བཟོ་རྒྱུ་ཡིན་པས་དེ་དོན་དགོངས་བཞེས་ཡོད་པར་མཁྱེན།།1541305125116068716.jpg

1541305201738031569.jpg


བོད་ལྗོངས་དཔེ་མཛོད་ཁང་ནས།
༢༠༡༨ལོའི་༡༠པའི་ཚེས་༢༤ཉིན།

རྡེབ་གནོན་གྲངས་ཚད། TOP