དུས་ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་མཁན་སློབ་ཕྲུག་ཡག་པོ་ཞིག་བྱེད་དགོས།

དུས་ཚོད།:2017-08-16 15:26:00 རྩོམ་སྒྲིག:སྤེལ་དུས། འབྱུང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  

  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག”བོད་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བའི་རྩ་བ་ནི་སློབ་གསོར་ཐུག་ཡོད   “  ཅེས་དང་”སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཞིའི་ནང་འཇུག་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་བཏང་ནས་ཧུར་བརྩོན་ཆེན་པོས་ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་དགོས་ཤིང་སློབ་གསོའི་བོད་སྐྱོར་བྱ་རྒྱུ་ཤུགས་ཆེར་བཏང་ནས་གཙོ་གནད་ཐོག་རྩིས་རིག་དང་།   དངོས་ཁམས་རིག་པ།  རྫས་འགྱུར་རིག་པ་བཅས་ཀྱིས་གཙོ་བོ་བྱས་པའི་རིག་ཚན་ཁག་གི་ནང་སའི་དགེ་རྒན་བོད་དུ་སློབ་རོགས་བྱེད་པར་མངགས་དགོས་ཞེས་དམིགས་བཀར་མཛུབ་སྟོན་གནང་ཡོད།   འདིའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་གཞོན་ནུ་ལོ་ཆུང་རྣམས་ལ་བཅངས་པའི་ཁ་ཞེ་གཉིས་མེད་ཀྱི་ཐུགས་རེ་གང་ལེགས་མཚོན་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་སློབ་གྲྭ་ཆེས་ཉུང་ཤས་ཤིག་ཡོད་པ་དེ་དག་གི་སློབ་མ་ཚང་མ་སྐུ་དྲག་གི་བུ་ཕྲུག་ཡིན་པས་རྒྱ་ཆེའི་ཞིང་བྲན་རྣམས་ལ་སློབ་གསོ་མྱོང་བའི་དབང་ཆ་དང་གོ་སྐབས་རྩ་བ་ནས་མེད་སྟབས་ཡིག་རྨོངས་ཀྱི་བརྒྱ་ཆ ༩༥ ཡན་ཟིན་གྱི་ཡོད།    སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་སློབ་གསོ་དེ་ཉིད་སྔོན་ལ་འཕེལ་རྒྱས་གཏོང་བའི་གལ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་རྒྱུན་ཆད་མེད་པར་སྤྱི་པའི་ནོར་སྲིད་ནས་སློབ་གསོར་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་བ་དང་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འོས་འགན་སློབ་གསོའི་བྱ་ཐབས་དང་བོད་རང་སྐྱོང་ལྗོངས་ཀྱི་འོས་འགན་སློབ་གསོའི་འཆར་འགོད་འགྲེམ་བསྒྲགས་ལག་བསྟར་བྱས་པ་རེད།  སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཀ་ཕྱོགས་ཡོངས་ནས་འགོ་བཙུགས་པ་དང་ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་སྐྱོང་བྱེད་པའི་རྒྱ་ཁྱོན་དང་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་ཡོད་པ་དང་།    རྒྱལ་ཡོངས་སུ་དང་ཐོག་མར་སློབ་ལོ་མ་ལོན་གོང་གི་སློབ་གསོ་དང་།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ།   མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་བཅས་ལོ ༡༥ སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་ཐུབ་ནས་བོད་རིགས་ཀྱི་འབུམ་རམས་པ་དང་ཤེས་རམས་པ་མང་པོ་ཞིག་གསོ་སྐྱོང་ཐུབ་པ་དང་།    བོད་རིགས་ཚན་རིག་མཁས་ཅན་དང་།   འཛུགས་སྐྲུན་དབུ་ཆེན།   དགེ་རྒན་ཆེ་མོ།   སྨན་པ་མཁས་ཅན།    རྩོམ་རིག་དང་སྒྱུ་རྩལ་མཁས་ཅན་སོགས་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་འཚར་ལོངས་བྱུང་བའི་ཐོག་གཞོན་ནུ་དང་དར་མའི་ཡིག་རྨོངས་རྩ་བའི་ཆ་ནས་སེལ་ཐུབ་ཡོད།   སྤྱི་ལོ ༡༩༨༥ ལོར་ལྗོངས་ཡོངས་སུ་འོས་འགན་སློབ་གསོའི་དུས་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་ལྟོ་ཆས་དང་།  ཉལ་ཁང་།   སློབ་ཡོན་བཅས”འགན་ལེན་གསུ   “གྱི་སྲིད་ཇུས་ལག་བསྟར་བྱས་ཚུན།   ”འགན་ལེན་གསུམ “གྱི་ཚད་གཞི་བསྟུད་མར་ཐེངས ༡༤ སྤར་ཡོད་པས་དེང་སྐབས་སློབ་ཕྲུག་རེའི་ལོའི་ཚད་གཞི་སྒོར ༣༢༤༠ བར་མཐོ་རུ་ཕྱིན་ཡོད་པ་དང་།   སློབ་གྲྭ་ཚད་གཞི་ཅན་དུ་འཛུགས་སྐྲུན་དང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བཞིན་ཡོད།

    རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་ཕྲུག་ཚོས་ཏང་གི་དྲོ་སྐྱིད་ཉི་འོད་འོག སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་མོ་ལོངས་སུ་སྤྱོད་དང་སྤྱོད་བཞིན་ཡོད།   རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་ཕྲུག་ཚོས་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་གུས་བྱ་རྒྱུ་དེ་ཡང་ཏང་གི་ཤེས་བྱ་སློབ་སྤྱོང་དང་།    ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས།   ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེན་དང་།   གཟི་བརྗིད།   ཡང་དག་པ་བཅས་ཀྱི་ཏང་ཞིག་ཡིན་པ་གསལ་རྟོགས་བཅས་བྱས་ནས་རང་འགུལ་ངང་ཏང་གི་གཙོ་འཛིན་ལ་གུས་བཀུར་བྱ་དགོས་པ་ཡིན།   ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་གུས་བྱ་རྒྱུ་དེ་ཡང་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་དགོས་རྒྱུ་དེ་ཡིན་པ་དང་།   བོད་རྙིང་པའི་དཀའ་སྡུག་ཤེས་རྟོགས་དང་བོད་གསར་པའི་བདེ་སྐྱིད་ལ་གཅེས་སྤྲས་བྱས་ནས་དུས་ནམ་ཡང་ཏང་གི་བཀའ་དྲིན་སེམས་ལ་བཅངས་ཏེ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་དང་།    ཕུགས་བསམ་ཆེན་པོ་འཛུགས་པ།    ཡང་དག་པའི་འཇིག་རྟེན་ལྟ་བ་དང་།   མི་ཚེའི་ལྟ་བ།   རིན་ཐང་གི་ལྟ་བ་འཛུགས་པ།   མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་།   མི་རིགས་ཀྱི་ལྟ་བ།   ཆོས་ལུགས་ཀྱི་ལྟ་བ།   རིག་གནས་ཀྱི་ལྟ་བ་འཛུགས་པ།   ཐོབ་པར་དཀའ་བའི་གོ་སྐབས་ལ་གཅེས་སྤྲས།   རང་ནུས་སྤྱོང་བརྡར་ཡག་པོ།   སེམས་ཐག་ཆོད་པོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱིས་གཞོན་ནུའི་ལང་ཚོའི་ཕུགས་འདུན་འཕེལ་ཐུབ་པ་བྱས་ནས་ཚད་གཞི་ལོན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་བྱ་དགོས།


རྡེབ་གནོན་གྲངས་ཚད། TOP