བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འོས་སྦྱོར།

དུས་ཚོད།:2022-04-12 12:32:21 རྩོམ་སྒྲིག: འབྱུང་ཁུངས།:

屏幕截图 2022-04-12 123138.png

༡ རྩ་བའི་ཆ་འཕྲིན།

དཔེ་དེབ་ཀྱི་མཚན་བྱང་།        བོད་ཀྱི་བྲིས་འབུར་སྒྱུ་རྩལ་ལོ་རྒྱུས་ལས་སྨན་གསར་ལུགས་ཀྱི་བྱུང་བ་དྲི་མེད་མ་ཀུ་ར།

རྩོམ་པ་པོ།         སྨན་གྲོང་ནོར་བུ་སྲིད་ཐར།

དཔེ་སྐྲུན་ཁང་།       བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 

རིན་གོང་སྒོར།         ༦༠.༠༠

དཔེ་རྟགས།   ISBN ༩༧༨-༧-༢༢༣-༠༦༨༩༧-༠

དཔེ་དེབ་འཚོལ་བྱའི་ཨང་གྲངས།    J༢༡༩/༢༠

ཉར་ཚགས་ཁུལ།     བོད་ཡིག་དཔེ་ཀློག་ཁང་།

༢ ནང་དོན་གཙོ་བོ།

གཞུང་གི་ནང་དོན་གཙོ་བོ་ནི་རྩོམ་པ་པོས་བོད་ཀྱི་སྲོལ་རྒྱུན་བྲིས་འབུར་སྒྱུ་རྩལ་གྱི་བྱུང་ཚུལ་མདོར་བསྟན་པ་དང་། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་ཁོང་གིས་བཏོད་པའི་སྨན་གསར་ལུགས་ཇི་ལྟར་བྱུང་ཚུལ། དེ་བཞིན་དུས་རབས་བཅོ་བརྒྱད་ནས་ཉི་ཤུ་བར་སྨན་གསར་ལུགས་ཀྱི་རི་མོ་རྒྱུད་འཛིན་དང་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ་སྐོར་བཅས་ལ་ལོ་ངོ་བཅུ་གསུམ་ཙམ་རིང་དཔྱད་གཞིའི་ཡིག་ཆ་མང་པོར་གཞི་བཅོལ་བ་དང་ས་ཡུལ་དངོས་ལ་ཐེངས་མང་ཕེབས་ནས་ཞིབ་འཇུག་གཏིང་ཟབ་གནང་བའི་སྐོར་འཁོད་འདུག

༣ འོས་སྦྱོར་ཞུ་རྐྱེན།

 དཔེ་དེབ་འདི་ནི་སྨན་གྲོང་ནོར་བུ་སྲིད་ཐར་ལགས་ཀྱིས་རིག་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་ཐོག་བྲིས་གནང་བའི་བྲིས་འབུར་སྒྱུ་རྩལ་གྱི་ཁྱད་ཆོས་སྤྱི་དང་བྱེ་བྲག་ཇི་ལྟར་དར་ཚུལ། ད་བར་རྒྱུན་འཛིན་དང་འཕེལ་རྒྱས་གང་འདྲ་བྱུང་མིན་གྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་རེད་འདུག་པས། དེ་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་ནོར་བུ་གསར་པ་ཞིག་ཁ་སྣོན་མཛད་པ་དང་གཉིས་སུ་མ་མཆིས་པའི་ཕྱག་རྗེས་ཤིག་ཡིན་སྟབས་ཆེད་དུ་ངོ་སྤྲོད་ཞུས་པ་ཡིན། 


རྡེབ་གནོན་གྲངས་ཚད། TOP