བོད་ལྗོངས་དཔེ་མཛོད་ཁང་གིས་གྲོང་ཚོར་བཅའ་སྡོད་ས་ཚིགས་སུ་༼ཏང་གི་ཉིན་མོ་༽ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ།

དུས་ཚོད།:2018-07-03 20:37:59 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༧འཁོར་བར་དྲན་གསོ་ཞུ་ཆེད་དང་ཏང་ཡོན་ལས་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་གོ་རྟོགས་སྔར་བས་གོང་མཐོར་གཏོང་ཆེད། བོད་ལྗོངས་དཔེ་མཛོད་ཁང་གི་ཏང་ཀྲི་པུའུ་གཉིས་པ་དང་བོད་ལྗོངས་དཔེ་མཛོད་ཁང་བཅའ་སྡོད་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ར་ས་ཤང་བྲག་འོག་གྲོང་ཚོའི་ལས་དོན་རུ་ཁག་ལྷན་དུ་གྲོང་ཚོའི་བཅའ་སྡོད་ས་ཚིགས་སུ་༼ཏང་གི་ཉིན་མོ་༽ཞེས་པའི་བརྗོད་དོན་གཙོ་བོར་བྱས་པའི་དཔེ་དེབ་འབུལ་བའི་བྱེད་སྒོ་སྤེལ་བ་རེད།

IMG_9523.jpg

        བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་བྲག་འོག་གྲོང་ཚོའི་ཏང་ཡོན་ཡོངས་དང་ལྗོངས་དཔེ་མཛོད་ཁང་གི་ཏང་ཀྲི་པུའུ་གཉིས་པའི་ཏང་ཡོན་ཡོངས། ད་དུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མི་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། ཏང་བཞུགས་དམ་བཅའ་བསྐྱར་བསྒྲོག་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད།  ལྗོངས་དཔེ་མཛོད་ཁང་གི་ཏང་ཀྲི་པུའུ་གཉིས་པས་བྲག་འོག་གྲོང་ཚོའི་དཔེ་ཀློག་ཁང་དང་སློབ་ཁྲིད་ས་ཚིགས་ཀྱི་བྱིས་པ་ཆུང་ཆུང་རྣམས་ལ་རིན་གོང་སྒོར་ཁྲི་གཅིག་དང་སུམ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་གཅིག་ལྷག་གི་སྣ་མང་ཕུན་སུམ་ཚོགས་པའི་བྱིས་པའི་དཔེ་དེབ་དང་སློབ་སྦྱོང་གི་ཡོ་ཆས་ཕུལ་བ་རེད།

1530621023509047136.jpg

1530621311836098978.jpg


རྡེབ་གནོན་གྲངས་ཚད། TOP