བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་རྡོག་རྡོག་འདིར་ཡོད།

དུས་ཚོད།:2020-05-23 08:51:40 རྩོམ་སྒྲིག: འབྱུང་ཁུངས།:西藏日报藏文版

ཟླ་5ཚེས་22ཉིན། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དོ་གནད་གཤམ་གསལ་ཏེ།

གཅིག

ན་ནིང་དང་ད་ལོ་ཚུན་གྱི་ལས་དོན་ལ་ཕྱི་མིག་ལྟ་བ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི99.1ཟིན་ནས་6.1%འཕར་ཡོད།
དུས་ཐུང་ནང་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་ནས། མི་དམངས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཐུབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན།
སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དོ་དམ་སོགས་ཐད་ཉམས་ཞན་ལྷུ་ཚིགས་མི་ཉུང་བ་ཞིག་ཐོན་ཡོད།

གཉིས།
ད་ལོའི་དམིགས་ཚད་གཙོ་བོ།
ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཐད་ཞིབ་ཕྲའི་དམིགས་ཚད་བཏོན་མེད།
གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་900ཡན་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། ལས་ཤོར་བརྟག་དཔྱད་བྱེད་ཚད་6%ཙམ་ནང་ཚོད་འཛིན་བྱ་རྒྱུ།
ད་ཡོད་ཀྱི་ཚད་གཞིའི་འོག གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ།

གསུམ།
ད་ལོའི་གཙོ་གནད་ལས་དོན་ཁག་གཅིག
ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་དེ་བས་ཡག་པོ་འདོན་རྒྱུ།
དངུལ་ལོར་སྲིད་ཇུས་སྔར་བས་བབ་བསྟུན་ཐུབ་རྒྱུ།
“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་རྒྱུ།

རིམས་འགོག
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་བཏང་ནས། རིམས་ནད་བསྐྱར་དུ་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱ་རྒྱུ། ཧུའུ་པེ་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྦབ་ཆ་གཅིག་ལག་བསྟར་ཡག་པོ་བྱ་རྒྱུ།

ནོར་སྲིད།
ནོར་སྲིད་མཚལ་ཡིག་གི་གཞི་ཁྱོན་ན་ནིང་ལས་སྒོར་དུང་ཕྱུར་ཁྲི་1འཕར་སྣོན་བྱུང་བ་དང་། དུས་མཚུངས་སུ་རིམས་འགོག་གི་དམིགས་བསལ་རྒྱལ་བུན་སྒོར་ཁྲི་1འགྲེམ་སྤེལ་བྱ་རྒྱུ།


ཁྲལ་རིན་གཉིས་ཆག
སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཁེ་ལས་ལ་ཁུར་པོ་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་ཡང་དུ་གཏོང་རྒྱུ། 


ལས་ཞུགས།
   ལས་ཞུགས་ཐད་ལུགས་དང་མི་མཐུན་པའི་ཚོད་འཛིན་མེད་པར་བཟོས་ཏེ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཆ་ཚང་འདོན་རྒྱུ།

གསར་གཏོད།
 རེས་སྐོར་གསར་པའི་ཕྱོགས་ཡོངས་གསར་གཏོད་ཀྱི་སྒྱུར་བཅོས་ཚོད་ལྟ་གཏིང་ཟབ་ཏུ་གཏོང་རྒྱུ།

འཛད་སྤྱོད།
གློག་རྡུལ་ཚོང་ལས་དང་མྱུར་སྐྱེལ་གྲོང་གསེབ་ཏུ་ཁྱབ་པ་བྱ་རྒྱུ་དང་། 5Gཁྱབ་གདལ་གཏོང་རྒྱུ།


མ་འཇོག
ས་གནས་སྲིད་གཞུང་གི་ཆེད་དོན་བུན་ལོར་སྒོར་དུང་ཕྱུར་ཁྲི་3.75བཀོད་སྒྲིག་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་6000བཀོད་སྒྲིག་བྱ་རྒྱུ།


དངུལ་རྩ།
ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ལ་དངུལ་བུན་གཏོང་ཚད་40%ལས་མཐོ་བ་ཡོད་དགོས།

དབུལ་སྒྲོལ་འགག་སྒྲོལ།
རྫོང་དང་གྲོང་ཚོ་དབུལ་པོ་ལྷག་མ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

ཞིང་ལས།
ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་8000གསར་དུ་བསྐྲུན་རྒྱུ།

སློབ་གསོ།
མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོར་དམིགས་ནས་སློབ་བསྡུའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ།

སྤྱི་ཚོགས་འགན་སྲུང་།
མ་མཐའི་འཚོ་བའི་འགན་ལེན་གྱི་འགན་ལེན་ཁྱབ་ཁོངས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱ་རྒྱུ།

སྒོ་དབྱེ།
ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་གཉེར་རྒྱུ་དང་། ཀྲུང་ཨའི་དུས་རིམ་དང་པོའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་ཐུན་མོང་ཐོག་དོན་འཁྱོལ་བྱ་རྒྱུ།

ཀང་ཨའོ་ཐའེ།

དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ།

རྡེབ་གནོན་གྲངས་ཚད། TOP