བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཀློག་པ་པོར་སྙན་སྒྲོན་ཞུ་རྒྱུར།

དུས་ཚོད།:2019-04-03 20:38:59 རྩོམ་སྒྲིག: འབྱུང་ཁུངས།:

ཀློག་པ་པོར་སྙན་སྒྲོན་ཞུ་རྒྱུར།

        ཉེ་ལམ་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་ལ་ཉེ་པས་བོད་ལྗོངས་དཔེ་མཛོད་ཁང་དུ་རྒྱུགས་ཞུགས་རང་སྦྱོང་བྱེད་མཁན་ཉིན་རེར་མང་དུ་འགྲོ་བཞིན་འདུག   དེར་བརྟེན་ད་ཡོད་ཀྱི་སྡོད་གནས་ཀྱིས་ཀློག་པ་པོའི་འདོད་བློ་སྐོང་ཐུབ་ཀྱི་མེད་པ་གཞིགས་ནས་ངེད་དཔེ་མཛོད་ཁང་གིས་ཐོག་བརྩེགས་གཉིས་པའི་རིག་གཞུང་སྙན་སྒྲོན་ཁང་ཡིག་རྒྱུགས་ཞུགས་མཁན་རྣམས་ལ་རང་སྦྱོང་བྱེད་སར་མཁོ་འདོན་བྱེད་རྒྱུ་ཡིན།  རེ་བར་རང་སྦྱོང་བྱེད་མཁན་རྣམས་ཀྱིས་སྒྲོག་ཙེ་དང་རྐུབ་སྟེགས་སོགས་སྤྱི་པའི་སྒྲིག་ཆས་ལ་བདག་གཅེས་བྱེད་པ་དང་།   འབྲེལ་ཡོད་ཀྱི་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ཡོད་པ་ཞུ།   མཐར་བོད་ལྗོངས་དཔེ་མཛོད་ཁང་གི་ལས་མི་ཡོངས་ཀྱིས་སྐུ་ཉིད་ཡིག་རྒྱུགས་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་ངེད་དཔེ་མཛོད་ཁང་གི་ལས་དོན་སྔར་བས་ཇེ་ལེགས་ཇེ་ཡག་ཏུ་འགྲོ་ཆེད་དགོངས་འཆར་གང་ཡོད་ལྷུག་སྩོལ་ཡོད་པ་ཞུ།

41104647259155430.jpg

སྒོ་འབྱེད་དུས་ཚོད།   ༢༠༡༩ལོའི་ཟླ་༤ཚེས་༢ནས་གཞུང་ཞབས་ཡིག་རྒྱུགས་མཇུག་སྒྲིལ་བའི་བར། ཉིན་རེའི་ཆུ་ཚོད།༩:༣༠༦:༠༠

གཟའ་ཉི་མར་དབྱིན་ཇིའི་གྲུ་ཟུར་བྱེད་སྒོ་ཡོད་པས།   མཁོ་འདོན་མི་བྱ།


རྡེབ་གནོན་གྲངས་ཚད། TOP