བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
སྤྱི་བསྒྲགས།

དུས་ཚོད།:2019-04-03 20:36:40 རྩོམ་སྒྲིག: འབྱུང་ཁུངས།:

སྤྱི་བསྒྲགས།

        ཉེ་ཆར་ངེད་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་སྟེང་ལ་བྱིས་པའི་དཔེ་ཀློག་གི་ལེ་ཚན་མི་ཉུང་བ་ཞིག་བཏོན་ཡོད། ལེ་ཚན་འདི་ནི་ཆེད་མངགས་བྱིས་པའི་དཔེ་ཀློག་ལ་དམིགས་ཏེ་འཆར་འགོད་བྱས་པའི་ཁྱད་ལྡན་ཐོན་ཁུངས་ཀྱི་མཛོད་ཅིག་ཡིན་པ་དང་། ནང་དོན་ཐད། བྱིས་པའི་སྒྲ་ལྡན་གྱི་དཔེ་རིས་འབྲི་དེབ་དང་། བྱིས་པའི་གྲངས་གཞིའི་དཔེ་རིས་འབྲི་དེབ། ཕུལ་དུ་བྱུང་བའི་རབ་བཏགས་རི་མོའི་མ་རྩོམ།  བྱིས་པའི་དུས་དེབ། གྲངས་གཞིའི་མུ་འབྲེལ་རི་མོ། སློབ་གསོའི་སློབ་ཁྲིད་ཁང་བཅས་ཆེད་སྒྲིག་དྲུག་ཡོད། ཆེད་སྒྲིག་རེ་རེའི་འོག་ཏུ་ཡང་བརྗོད་དོན་ཁ་གསལ་བའི་དཔེ་ཀློག་གི་ཆེད་དོན་དང་། འཕྲད་ངོས་འགུལ་རིས་མང་པོ་འཆར་འགོད་བྱས་ཡོད། གཞན་ཡང་། འཚོལ་བཤེར་ནུས་པ་ཡང་འཆར་འགོད་བྱས་ཡོད་པས། མྱུར་ལ་གནས་ཁེལ་བའི་སྒོ་ནས་ཁྱེད་ཉིད་ལ་མཁོ་བའི་དཔེ་དེབ་རྙེད་ཐུབ་ཅིང་། བྱིས་པར་ཚན་རིག་གི་རང་བཞིན་དང་། དམིགས་གཏད་ཀྱི་རང་བཞིན་ཡོད་པའི་དཔེ་དེབ་མཁོ་འདོན་བྱེད་པ་དང་བསྟུན་ནས། བྱིས་པར་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་གསོ་སྐྱོང་བྱ་ཐུབ།

      “བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁངཞེས་པའི་འཕྲིན་ཕྲན་གྱི་སྤྱི་སྟེགས་དེར་དོ་ཁུར་བྱས་ཏེ། རིག་གནས་རྩད་འདྲི་ཞེས་པ་དེར་མནན་ཚེ་བྱིས་པའི་དཔེ་ཀློག་ནང་འཛུལ་ནས་ལམ་སེང་བེད་སྤྱོད་བཏང་ཆོག

317460106783021609.jpg


རྡེབ་གནོན་གྲངས་ཚད། TOP