བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཕྲིན་བཟང་། བོད་རང་སྐྱོང་ལྗོངས་ཀྱི་བྲག་གཡབ་དང་། འཇོ་མདའ། གོ་འཇོ་སོགས་རྫོང་གསུམ་གྱི་གནའ་དཔེ་ཡོངས་བཤེར་གྱི་ལས་ཀ་མཇུག་བསྒྲིལ་ཡོད།

དུས་ཚོད།:2018-11-12 21:30:07 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

        ཕྲིན་བཟང་། བོད་རང་སྐྱོང་ལྗོངས་ཀྱི་བྲག་གཡབ་དང་། འཇོ་མདའ། གོ་འཇོ་སོགས་རྫོང་གསུམ་གྱི་གནའ་དཔེ་ཡོངས་བཤེར་གྱི་ལས་ཀ་མཇུག་བསྒྲིལ་ཡོད།

         གནའ་དཔེ་ཡོངས་བཤེར་གྱི་ལས་ཀ་སྔར་ལས་གོམ་གང་མདུན་སྤོ་དང་རྫོང་སོ་སོའི་དགོན་སྡེ་ཁག་གི་གནའ་དཔེ་ཉར་ཚགས་གྲངས་དང་ཆ་རྐྱེན་སོགས་ལ་རྒྱུས་ལོན་ཡོང་ཆེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་དཔེ་མཛོད་ཞིབ་འཇུག་པ་པད་མ་བཀྲ་ཤིས་དང་ལས་བྱེད་མི་སྣ་ཕུར་སྒྲོན། ཆབ་མདོ་གྲོང་ཁྱེར་དཔེ་མཛོད་ཁང་གི་ལས་བྱེད་མི་སྣ་བཅས་ཀྱིས་གནའ་དཔེ་ཡོངས་བཤེར་ཚོ་ཆུང་བཙུགས་ཏེ། ཟླ་བ་༡༠པའི་ཚེས་༣༠གོང་དུ་བྲག་གཡབ་དང་འཇོ་མདའ། གོ་འཇོ་སོགས་རྫོང་གསུམ་གྱི་གནའ་དཔེ་ཡོངས་བཤེར་གྱི་ཐོ་བཀོད་ལས་ཀ་མཇུག་བསྒྲིལ་ཡོད།
        བྲག་གཡབ་རྫོང་གི་ཡོངས་བཤེར་ཁྱབ་ཁོངས་སུ།
        དབྱེན་མདུན་དགོན། བྲག་གཡབ་དགོན། འདུལ་བ་དགོན། ཐང་ཐོག་དགེ་མཚན་རབ་རྒྱས་དགོན། གཞི་མདའ་ལྷ་ཁང་དགོན། འབྱོར་ཁེ་དགོན། བྱམས་ཁང་དགོན། གསེར་མདོག་མཁས་བཙུན་དར་རྒྱས་གླིང་། བྲོ་ཤུག་དགོན་བཅས་དང་ཁྱོན་གནའ་དཔེ་པོ་ཏི་༡༥༢ཐོ་འགོད་བྱས་ཡོད།
        འཇོ་མདའ་རྫོང་གི་ཡོངས་བཤེར་ཁྱབ་ཁོངས་སུ།
        རྫོང་དམར་དགོན། འཇོ་ཕུ་དགོན། སྡེ་དགོན། ཚེ་བྷཱུཾ་དགོན། ཆོས་འཁོར་དགོན། ཝ་ར་དགོན་བཅས་དང་ཁྱོན་གནའ་དཔེ་པོ་ཏི་༡༩༢ཐོ་འགོད་བྱས་ཡོད།
གོ་འཇོ་རྫོང་གི་ཡོངས་བཤེར་ཁྱབ་ཁོངས་སུ།
        འགྲོ་འདྲེན་དགོན། ནུབ་དགོན། མཁོ་ཆེན་དགོན། ཐང་སྐྱ་དགོན་བཅས་དང་ཁྱོན་གནའ་དཔེ་པོ་ཏི་༩༣༦ཐོ་འགོད་བྱས་ཡོད།

        ༼ གནའ་དཔེ་ཡོངས་བཤེར་སྐབས་ཀྱི་གནའ་དཔེ་ཁག་ཅིག༽

        གནའ་དཔེ་ཡོངས་བཤེར་སྐབས་སུ་རྒན་པད་མ་བཀྲ་ཤིས་ལགས་ནས་དགེ་འདུན་པ་དང་ལས་བྱེད་མི་སྣར་གནའ་དཔེའི་འབྲེལ་ཡོད་ཀྱི་ཤེས་བྱ་ངོ་སྤྲོད་གནང་བ་མ་ཟད་ད་ལྟའི་དགོན་སྡེའི་ནང་གི་གནའ་དཔེ་རྣམས་དགེ་འདུན་པ་མི་རབས་ནས་མི་རབས་བར་རྒྱུད་འཛིན་དང་སྲུང་སྐྱོབ་ལས་ཁ་བྲལ་ཐབས་མེད་ཅེས་གསུངས་ཡོད།
ཐེངས་འདིའི་གནའ་དཔེ་ཡོངས་བཤེར་ལས་ཀའི་ཁྲོད་དུ་བྲག་གཡབ་དང་། འཇོ་མདའ། གོ་འཇོ་སོགས་རྫོང་གསུམ་གྱི་གནའ་དཔེའི་ཁྱབ་ཚུལ་དང་ཉར་ཚགས་གྲངས་ལ་སྤྱིའི་ཆ་ནས་རྒྱུས་ལོན་ཐུབ་ཡོད་པ་མ་ཟད། མ་འོངས་པར་གནའ་དཔེ་སྲུང་སྐྱོབ་ཀྱི་ལས་ཀར་རྨང་གཞི་བརྟན་པོ་གཏིང་ཡོད།།

       

རྡེབ་གནོན་གྲངས་ཚད། TOP