བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
དུས་རབས་དང་བསྟུན་ནས་ཀློག་པ་པོར་ཞབས་འདེགས་ཞུ་དགོས།

དུས་ཚོད།:2018-11-12 20:30:12 རྩོམ་སྒྲིག:མི་དམངས་དྲ་བའི་འཕྲིན། འབྱུང་ཁུངས།:མི་དམངས་དྲ་བའི་འཕྲིན།

༄༅།།དུས་རབས་དང་བསྟུན་ནས་ཀློག་པ་པོར་ཞབས་འདེགས་ཞུ་དགོས།

——བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་ལགས་ལ་བཅར་འདྲི་ཞུས་པ།



        ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་སྐལ་བཟང་གི་དུས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་ངོ་40རིང་བོད་ཀྱི་རིག་གནས་དང་སློབ་གསོ། གསོ་རིག དཔལ་འབྱོར་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། མི་དམངས་དྲ་བའི་གསར་འགོད་པས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་ལྷ་ས་རུ་བཅར་འདྲིར་བསྐྱོད་པ་ཡིན། 


ཚགས་པར་ལ་དཔྱད་ཞིབ་གནང་བཞིན་པ།

       བཀྲ་ཤིས་དཔལ་ལྡན་ལགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་རྩོམ་རིག་སྐོར་གྱི་བརྩམས་ཆོས་སྤེལ་འགོ་བརྩམས་པ་སྟེ། སྔ་རྗེས་སུ《བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ》དང་།  《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》 《རྒྱུད་སྐུད་སྟེང་གི་རྣམ་ཤེས》 《རི་མགོ་མཐོན་པོའི་ཉི་མ》 《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》སོགས་བརྩམས་གནང་ཡོད་པ་དང་། ད་ལྟ་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་བྱ་བ་རྒྱུན་སྐྱོང་གནང་བཞིན་ཡོད་ལ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཀྱི་འགན་བཞེས་བཞིན་ཡོད། 


གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པ།


རྗེ་བཙུན་མི་ལའི་འཁྲུངས་ཡུལ་དུ་ཕེབས་སྐབས་གུང་ཐང་ལར་དྲན་རྟེན་འདྲ་པར་སྐྱོན་པ།

གཞི་རིམ་དུ་བཅར་འདྲིར་ཕེབས་པ། 


བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་པར་བཅར་འདྲི་གནང་བཞིན་པ། 

ལོ་ལྟར་དམངས་ཁྲོད་དུ་བསྐྱོད་གནང་ནས་མང་ཚོགས་ཀྱི་འཚོ་བར་ཉམས་ཞིབ་གནང་བ་དང་། འདི་ནི་དུས་དེབ《ས་མཐོའི་གྲོང་གསེབ་གསར་པ》རྩོམ་སྒྲིག་གནང་སྐབས་བོད་ལྗོངས་བྱང་ཐང་གི་འབྲོག་ཁུལ་དུ་འབྲོག་པ་ཞིག་ལ་བཅར་འདྲི་གནང་བཞིན་པ།

རྒན་བློ་དགའ་ལགས(གཡོན)དང་། མཁས་དབང་ནོར་བྲང་ཨོ་རྒྱན་ལགས(དཀྱིལ)དང་ལྷན་དུ་གླེང་མོལ་གནང་བཞིན་པ།

བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྒྱ་བོད་ཡིག་སྒྱུར་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཚོ་དང་ལྷན་དུ་དགེ་སློབ་དྲན་རྟེན་འདྲ་པར་སྐྱོན་པ། 

དཔེ་ཀློག་ནི་རྒན་ལགས་ཁོང་གིས་ཉིན་རེར་ངེས་པར་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་གསུངས་པ་ལྟར། རང་ཁྱིམ་དུ་དཔེ་ཀློག་གནང་བཞིན་པ།


བོད་ཀྱི་ལོ་གསར་སྐབས་ཁྱིམ་མི་དང་ལྷན་དུ་འདྲ་པར་སྐྱོན་པ། 


རྒན་ལགས་ཁོང་ནི་ཕྱག་ལས་ཐད་ནན་ཏན་ཡིན་ལ་འཚོ་བར་སྤྲོ་སྣང་ལྡན་པའི་མི་ཞིག་ཡིན་པར་མཐོང་སྟེ། ཀྲུང་གོས་བཟོས་པའི་གནམ་གྲུ་C919རྟགས་ཅན་གྱི་གནམ་གྲུ་བཟོ་གྲྭའི་ནང་མྱོང་རོལ་གནང་བཞིན་པ།

བོད་ཀྱི་མཁས་དབང་ནོར་བྲང་ཨོ་རྒྱན་ལགས(གཡས)དང་ལྷན་དུ་བོད་ཀྱི་གནའ་རྩོམ་ཁག་ཅིག་མྱུར་སྐྱོབ་ལས་དོན་སྐོར་ལ་གླེང་མོལ་གནང་བཞིན་པ།

རྒན་ལགས་ཁོང་གིས་སྣེ་ཁྲིད་གནང་བའི་ལོ་ངོ་40ཡི་གྲུབ་འབྲས་གལ་ཆེན་མཚོན་བྱེད་ལྟ་བུ་སྟེ།མི་དམངས་ཉིན་རེའི་ཚགས་པར(བོད་ཡིག)དང་བོད་ལྗོངས་ཉིན་རེའི་ཚགས་པར།

བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་མཛད་པའི་བརྩམས་ཆོས་ཁག་ཅིག


གསར་འགོད་པ། བསྟན་འཛིན་ནོར་བུ།


རྡེབ་གནོན་གྲངས་ཚད། TOP