བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཚེ་རིང་ལགས་དང་ཁོང་གི་རྒྱལ་ཁ།

དུས་ཚོད།:2018-11-01 22:33:18 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

ཚེ་རིང་ལགས་དང་ཁོང་གི་རྒྱལ་ཁ།
བོད་ལྗོངས་ཀྱི་འཐུས་མི་ཚེ་རིང་ལགས་ལ་རྒྱལ་ཡོངས་ལོང་བའི་གཏམ་བཤད་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད།
༢༠༡༨ལོའི་ཟླ་བ་༡༠པའི་ཚེས་༣༠ནས་༣༡རིང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་སྲུང་སྐྱོབ་པུའུ་དང་ཀྲུང་གོ་ལོང་ཡིག་དཔེ་མཛོད་ཁང་། ཀྲུང་གོ་ལོང་ཡིག་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་༼སེམས་ནས་ཁྲིམས་ཤེས་པ་དང་བྱ་སྤྱོད་ཐོག་ནས་ཁྲིམས་སྲུང་བ་༽༼ཁྲིམས་སྦྱོང་བ། ཁྲིམས་ཤེས་པ། ཁྲིམས་བཀོལ་བ། ཁྲིམས་སྲུང་བ་བཅས་དང་དབང་པོ་སྐྱོན་ཅན་གྱི་ཚེ་སྲོག་བདེ་ཐང་དབང་ཆ་དང་འཚོ་གནས་དབང་ཆ། འཕེལ་རྒྱས་དབང་ཆ་འགན་ལེན་༽བཅས་ཀྱི་བརྗོད་བྱ་གཙོ་བོའི་བསྐྱར་མའི་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་གཏམ་བཤད་འགྲན་བསྡུར་པེ་ཅིན་དུ་རྒྱལ་ཁའི་ངང་གཉེར་ཡོད། རྒྱལ་ཡོངས་ལོང་བའི་སློབ་གྲྭ་ཁག་གི་ཐོག་མའི་འགྲན་ཞུགས་པ་༥༠ལྷག་ཁྲོད་ནས་བསྐྱར་མའི་འགྲན་བསྡུར་ནང་མི་སྣ་༡༩འདེམས་སྒྲུག་བྱས་ཡོད། བོད་ལྗོངས་ཀྱི་འཐུས་མི་བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཚེ་རིང་ལགས་བསྐྱར་མའི་འགྲན་བསྡུར་ཁྲོད་ནས་སྐར་གྲངས་༩༢.༢དང་ཨང་ལྔ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་སྟེ་བདེ་བླག་ངང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་ཡོད། མཐར་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་ཨང་གསུམ་པའི་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད། དེ་དང་ཆབས་ཅིག་ཏུ་བོད་ལྗོངས་དཔེ་མཛོད་ཁང་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་བོད་ལྗོངས་དཔེ་མཛོད་ཁང་གི་ལོང་བའི་དཔེ་གཟིགས་ཁང་གི་ལས་མི་ཅིན་ཝེ་ལ་མཛུབ་ཁྲིད་དགེ་རྒན་ཕུལ་བྱུང་གི་བྱ་དགའ་ཡང་ཐོབ་ཡོད།

ཚེ་རིང་ལགས་ཀྱིས་ལོ་ཕྱེད་ཙམ་རིང་འགྲན་བསྡུར་ཁག་ནང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མཐར་རྒྱལ་ཡོངས་ཀྱི་སྡིངས་ཆའི་སྟེང་ལ་བོད་ལྗོངས་ལོང་བའི་སློབ་གྲྭ་ཆེ་མོ་བའི་བློ་རིག་དང་གཟི་བརྗིད་ཡོངས་སུ་མངོན་ཡོད།

བྱ་དགའ་ཐོབ་རྗེས་ཚེ་རིང་ལགས་ཀྱིས་འགྲན་བསྡུར་གྱི་སྔ་ཕྱི་བར་གསུམ་དུ་གཡས་གཞོགས་གཡོན་འདེགས་གནང་མཁན་གྱི་བོད་ལྗོངས་དཔེ་མཛོད་ཁང་གི་ལས་བྱེད་མི་སྣ་དང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཚོགས་པའི་སྒྱུ་རྩལ་མཁས་དབང་གི་མཛུབ་སྟོན་གནང་བར་བཀའ་དྲིན་ཆེ་ཞེས་དང་། སླད་མར་བོད་ལྗོངས་དཔེ་མཛོད་ཁང་གིས་ལོང་བའི་ཀློག་པ་པོ་ཚོར་འདི་འདྲའི་གོ་སྐབས་གང་མང་གནང་རྒྱུའི་རེ་བ་ཡང་ཡོད་ཞེས་གསུངས་ཡོད།

དམིགས་གསལ་གྱི་ཀློག་པ་པོར་དོ་ཁུར་བྱ་རྒྱུ་ནི་སྤྱི་པའི་དཔེ་མཛོད་ཁང་གི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་པ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་༽ནང་གསལ་པོར་བཀོད་ཡོད། མ་འོངས་པར་ང་ཚོས་ཞབས་ཞུའི་ཐབས་ལམ་གསར་པ་དང་ཞབས་ཞུའི་སྤུས་ཚད་ཕུན་སུམ་ཚོགས་སུ་བཏང་སྟེ། སེམས་གཏིང་ནས་ལོང་བའི་ཀློག་པ་པོར་དཔེ་ཀློག་གི་ཞབས་ཞུ་དང་ཁོར་ཡུག་གང་ལེགས་བསྐྲུན་རྒྱུ་དང་༼གངས་ལྗོངས་དཔེ་ཀློག་༽འཛུགས་སྐུན་གྱི་ཆེད་དུ་དཔེ་མཛོད་ཁང་གི་མི་སྣའི་ནུས་པ་ལེགས་སྐྱེས་འབུལ་རྒྱུ་ཡིན།།


རྡེབ་གནོན་གྲངས་ཚད། TOP