བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
དཔའ་བོའི་ལོ་རྒྱུས་ཕྱོགས་ཀྱི་བུ་མོར་སྒྲན། དགའ་བའི་ཞབས་བྲོ་རྒྱལ་ཚུགས་ཉིན་མོར་འཁྲབ།

དུས་ཚོད།:2018-10-01 21:31:28 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

དཔའ་བོའི་ལོ་རྒྱུས་ཕྱོགས་ཀྱི་བུ་མོར་སྒྲན།  དགའ་བའི་ཞབས་བྲོ་རྒྱལ་ཚུགས་ཉིན་མོར་འཁྲབ།

བོད་ལྗོངས་མི་དམངས་རླུང་འཕྲིན་ལས་ཁུངས་ཀྱིས་རིག་གནས་མཉམ་རོལ་ལས་གྲྭའི་༼དྲི་ཟའི་སྙན་དབྱངས་༽ཞེས་པའི་གླིང་སྒྲུང་ཐོན་ཁུངས་གཏོང་འགོ་ཚུགས་པའི་མཛད་སྒོ།

    དེ་རིང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་༦༩འཁོར་བའི་ཉིན་མོ་ཡིན། བཀྲ་ཤིས་པའི་ཉིན་མོ་འདིར་བོད་ལྗོངས་དཔེ་མཛོད་ཁང་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་གཉིས་ཀྱིས་བོད་བྱང་ཐང་ནག་ཆུ་གྲོང་ཁྱེར་གྱི་གེ་སར་སྒྲུང་མཁན་མིང་གྲགས་ཅན་ཁ་ཤས་ཀྱིས་བཤད་པའི་གླིང་སྒྲུང་༼དྲི་ཟའི་སྙན་དབྱངས་༽ཞེས་པ་རླུང་འཕྲིན་བརྒྱུད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྙན་ལམ་དུ་འབུལ་བའི་ལས་གཞིའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས།

༼དྲི་ཟའི་སྙན་དབྱངས་༽ཞེས་པའི་གླིང་སྒྲུང་གི་སྒྲ་ཕབ་ཐོན་ཁུངས་འདི་ནི་བོད་ལྗོངས་དཔེ་མཛོད་ཁང་གིས་༢༠༡༥ལོར་ནག་ཆུའི་གྲོང་ཁྱེར་གྱི་སྒྲུང་མཁན་མིང་གྲགས་ཅན་༡༤ལྷ་སར་གདན་དྲངས་ཏེ་སྒྲ་ཕབ་བྱས་པའི་ས་གནས་ཁྱད་ལྡན་ཐོན་ཁུངས་ཤིག་ཡིན།  དེའི་ནང་དུ་ཀུན་ལ་མ་གྲགས་པའི་དམིགས་བསལ་གྱི་སྒྲུང་སྣ་མི་འདྲ་བ་༣༦ཡོད་ལ།  སྤྱིའི་ཡུན་ཚད་ཆུ་ཚོད་༢༤༠༠ལྷག་ཡོད། 

    རླུང་འཕྲིན་ལེ་ཚན་འདི་གཏོང་འགོ་ཚུགས་པ་དེ་ཡིས་རིག་གནས་དམངས་ཕན་གྱི་ལས་གྲྭ་དོན་ཐོག་ཏུ་འཁྱོལ་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡོང་བར་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ངེས། ཡིད་སེམས་འགུག་པའི་དཔའ་བོའི་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་སྙན་འཇེབས་ཀྱི་དབྱངས་རྟ་ལ་དྲངས་ཏེ་རླུང་འཕྲིན་གྱི་གློག་རླབས་བརྒྱུད་ནས་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྙན་ལམ་དུ་འབུལ་བ་འདི་ནི་བོད་ལྗོངས་དཔེ་མཛོད་ཁང་གིས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བའི་བྱེད་ཐབས་ཤིག་དང་མེས་རྒྱལ་དབུ་བརྙེས་པའི་དགའ་སྟོན་གྱི་ཉིན་མོ་བསུ་པའི་ལེགས་སྐྱེས་ཞིག་གོ།

གླིང་སྒྲུང་རིག་མཛོད།




རྡེབ་གནོན་གྲངས་ཚད། TOP