བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
བོད་ཀྱི་བཟོ་རིག་ལག་ཤེས་ཀུན་འདུས་ལས་ཐང་གའི་སྒྱུ་རྩལ་གྱི་སྨྱན་མང་རིག་མཛོད།

དུས་ཚོད།:2018-06-12 20:37:59 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

  

图片.png

     བོད་ཀྱི་ཐང་གའི་སྒྱུ་རྩལ་ནི་༢༠༠༦ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་རིག་གནས་མིང་ཐོའི་ནང་ཚུད་ཡོད། བོད་ཀྱི་བཟོ་རིག་ལག་ཤེས་ཀུན་འདུས་ལས་ཐང་གའི་སྒྱུ་རྩལ་གྱི་སྨྱན་མང་རིག་མཛོད་ནི་རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་༢༠༡༣ལོར་འཛུགས་སྐྲུན་བྱས་པའི་་ས་གནས་ཁྱད་ལྡན་ཐོན་ཁུངས་རྣམ་གྲངས་ཤིག་ཡིན། ཆེད་དོན་དངོས་བཤུས་གློག་བརྙན་འདིར་ཁྱོན་ལེའུ་བཞི་བཅུ་ཞེ་དགུ་དང་ཆུ་ཚོད་༢༠༤ཙམ་ཡོད། ནང་དོན་གཙོ་བོ་ཐང་གའི་འབྲི་རྒྱུན་ཁག་དང་། བཟོ་རྩལ་གྱི་བརྒྱུད་རིམ། ཐང་གའི་རིགས་དང་དབྱེ་བ་སོགས་ཡོད། པར་ལེན་སའི་ས་གནས་ལྷ་ས་དང་། ལྷོ་ཁ། གཞིས་ཀ་རྩེ། ཆབ་མདོ། མངའ་རིས། སི་ཁྲོན། མཚོ་སྔོན་དང་བལ་པོ་སོགས་ཡོད།

图片.png


    དངོས་བཤུས་གློག་བརྙན་འདིར་ཁྱོན་ཆུ་ཚོད་༡༠༢ལྷག་གི་སྒྲ་གཟུགས་དང་། པར་རིས་༡༡༠༠ ཡིག་འབྲུ་ཁྲི་༢༥ གཞི་གྲངས་༢༥༠༠ལྷག་ཡོད་པའི་རིག་མཛོད་ཅིག་ཡིན།

 

图片.png

图片.png

རྡེབ་གནོན་གྲངས་ཚད། TOP