བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
གེ་སར་སྒྲུང་གི་སྨྱན་མང་རིག་མཛོད།

དུས་ཚོད།:2018-06-12 20:15:27 རྩོམ་སྒྲིག: འབྱུང་ཁུངས།:་བོད་ལྗོངས་དཔེ་མཛོད་ཁང་།

       图片.png 

        གེ་སར་སྒྲུང་ནི་བོད་ཀྱི་དམངས་ཁྲོད་གཏམ་གླུ་སྤེལ་མའི་དཔའ་བོའི་ལོ་རྒྱུས་མཚོན་བྱེད་ཅིག་ཡིན། ༢༠༠༦ལོའི་ཟླ་བ་༥པའི་ཚེས་༢༠ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆོག་མཆན་ཐོབ་ནས་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་མིང་ཐོའི་ནང་ཚུད་ཡོད། ༢༠༠༩ལོའི་ཟླ་བ་༩་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་༼མིའི་རིགས་ཀྱི་ངག་རྒྱུན་དང་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་མཚོན་བྱེད་རྩོམ་ཡིག་༽མིང་ཐོའི་ནང་ཚུད་ཡོད།
       

图片.png

       གེ་སར་སྒྲུང་གི་སྨྱན་མང་རིག་མཛོད་ནི་རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་སྤྱོད་ལས་གཞིའི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་༢༠༡༡ལོར་འཛུགས་སྐྲུན་བྱས་པའི་ས་གནས་ཁྱད་ལྡན་ཐོན་ཁུངས་རྣམ་གྲངས་ཤིག་ཡིན།  རྣམ་གྲངས་འདིའི་ནང་དོན་ཚན་པ་དྲུག་ལ་བགོས་ཡོད་དེ། དང་པོ་ནི་གླིང་སྒྲུང་དངོས་གཞི་དང་།  དེ་ནས་ཆེད་དོན་དབྱངས་རྟའི་སྐོར། བསྟོད་གླུའི་སྐོར།  ཞབས་བྲོའི་སྐོར། ཤུལ་རྟེན་གྱི་སྐོར།  སྒྲུང་མཁན་གྱི་ངག་བརྗོད་ལོ་རྒྱུས་སོགས་ཡིན། ཐོན་ཁུངས་འདིའི་དུས་ཚོད་༢༧།༣༦ལྷག་གི་བརྙན་གཟུགས་དང་། དུས་ཚོད་༣༠ལྷག་གི་སྒྲཔར་༣༦༠ལྷག་དང་། ཡིག་འབྲུ་ཁྲི་༥༠ལྷག་བཅས་ཡོད། རྣམ་གྲངས་འདི་ཉིས་སྟོང་བཅུ་བཞི་ལོར་རྒྱལ་ཁབ་ལྟེ་གནས་ཀྱིས་ཞིབ་བཤེར་རྩིས་ལེན་གནང་ཟིན་པ་དང་། ད་ལྟ་དྲ་ལམ་དང་འོད་སྡེར་སོགས་ཀྱི་སྟེང་ནས་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་པ་མ་ཟད་ཕྱོགས་སོ་སོའི་མི་མང་གིས་དགའ་བསུ་ཐོབ་ཡོད།

རྡེབ་གནོན་གྲངས་ཚད། TOP