བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
༼སྲོལ་བཟང་བུམ་པ།༽གཞོན་ནུ་ལོ་ཆུང་གི་རྩོམ་བསྡུའི་བྱེད་སྒོ།

དུས་ཚོད།:2018-01-12 11:48:46 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

བོད་ལྗོངས་དཔེ་མཛོད་ཁང་དང་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩོམ་རིག་དུས་དེབ་རྩོམ་སྒྲིག་ཁང་གི་༼སྲོལ་བཟང་བུམ་པའི་༽གཞོན་ནུ་ལོ་ཆུང་གི་ཕུལ་བྱུང་རྩོམ་རིགས་བསྡུ་བའི་བྱེད་སྒོའི་བརྡ་ཐོ།

 

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་རྩོམ་ཡིག་བྱང་ཚད་དང་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བ་དང་།གཞོན་ནུ་ལོ་ཆུང་ཚོར་དཔེ་དེབ་ལྟ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཕྱིར།བོད་ལྗོངས་དཔེ་མཛོད་ཁང་གིས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩོམ་རིག་དུས་དེབ་རྩོམ་སྒྲིག་ཁང་དང་མཉམ་འབྲེལ་ཐོག་༼སྲོལ་བཟང་བུམ་པ་༽ཞེས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྩོམ་བསྡུའི་འགྲན་བསྡུར་སྤེལ་རྒྱུ་ཡིན།ཞིབ་ཕྲའི་ནང་དོན་གཤམ་གསལ།

དང་པོ། བྱེད་སྒོའི་མིང་།

༼སྲོལ་བཟང་བུམ་པའི་༽གཞོན་ནུ་ལོ་ཆུང་གི་རྩོམ་བསྡུའི་བྱེད་སྒོ།

གཉིས་པ། འགྲན་བསྡུར་ལ་བཞུགས་མཁན།

ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་།

གསུམ་པ། རྩོམ་བསྡུའི་བླང་བྱ།

༡ རྩོམ་བསྡུའི་བརྗོད་བྱ་གཙོ་བོ་ནི། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བཅས་ཡིན།

༢ བོད་རྒྱ་ཡིག་རིགས་གཉིས་ཀའི་ཐོག་ནས་རྩོམ་ཡིག་སྤེལ་ཆོག

༣ རྩོམ་ཡིག་གི་ནང་དོན་ཐད་ལ་ཧུར་བརྩོན་དང་། སྐྱོན་བྲལ། ཡར་ཐོན་དང་། སྐད་བརྡའི་ཐད་གསོན་ཉམས་ལྡན་ལ་འཇུག་པ་བདེ་བ། སྙན་འཇེབས་ལྡན་པ་ཞིག་དགོས།

༤ ཡིག་འབྲུ་༣༠༠༠ ནང་ཚུན་ཡིན།

བཞི་པ། རྩོམ་བསྡུའི་དུས་ཚོད་དང་རྩོམ་ཡིག་བསྐུར་སྟངས།

རྩོམ་བསྡུའི་དུས་ཚོད། ༢༠༡༨ལོའི་ཟླ་བ་༡ནས་ཟླ་བ་༣པའི་བར་ཡིན།

རྩོམ་བསྐུར་ཡིག་སྒམ་ཁ་བྱང་། xt༦༨༣༣༩༨༤@༡༦༣.com

ལྔ་པ། དཔྱད་འདེམས་ཀྱི་གཞི་རྩའི་ཚད་གཞི།

༡ བརྗོད་བྱའི་ནང་དོན་གཙོ་བོའི་སྐོར། རྩོམ་གྱི་རྒྱུ་ཆ་དག་བརྗོད་བྱ་གཙོ་བོར་དམིགས་ནས་བདམ་དགོས་པ་དང་། མཚོན་སྟངས་ཐད་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ། ནང་དོན་དང་བརྗོད་བྱ་གཅིག་མཐུན་ཡོང་བ་བཅས་དགོས།

༢ རྩོམ་ཡིག་གི་རྩོམ་ལུས་སྐོར། ཐེངས་འདིའི་རྩོམ་བསྡུའི་ནང་སྙན་ཚིག་དང་།ཚིག་ལྷུག བརྩམས་སྒྲུང་། ཐོལ་བྱུང་གི་རྩོམ་སོགས་ཚུད་པ་དང་། ཡི་གེའི་ཐད་དོ་ནན་པོ་དང་། ཁ་གསལ་པོ། གོ་བདེ་པོ། ལྷད་མེད་ཀྱི་བརྩེ་སེམས་མཚོན་ཐུབ་པ་བཅས་དགོས།

དྲུག་པ། རྩོམ་ཡིག་གི་དཔྱད་འདེམས།

༡ དཔྱད་འདེམས་བྱ་དགའ་སྤྲོད་པའི་དུས་ཚོད། ༢༠༡༨ལོའི་ཟླ་བ་༥པ་ནས་ཟླ་བ་༦པ་བར།

༢ བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དུས་དེབ་རྩོམ་སྒྲིག་ཁང་གིས་རྩོམ་པ་པོ་སྒྲིག་འཛུགས་ཀྱིས་ཕུལ་བྱུང་རྩོམ་ཡིག་གདམ་གསེས་བྱས་ཏེ། དཔྱད་འདེམས་ཀྱི་གཞི་རྩའི་བླང་བྱར་གཞིགས་ནས་ནང་དོན་ཧུར་བརྩོན་ཡར་ཐོན་དང་རྩོམ་བསྡུའི་བླང་བྱ་དང་མཐུན་པའི་རྩོམ་ཡིག་ལེགས་གྲས་བདམ་རྒྱུ་ཡིན།

༣ སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་ལ་གཞིགས་ནས་ཁོངས་སུ་ཚུད་པའི་བརྩམས་ཆོས་ལ་དཔྱད་སྡུར་བྱས་ཏེ་བྱ་དགའི་རྣམ་གྲངས་ཁག་བདམ་རྒྱུ་དང་། དུས་མཚུངས་ཁོངས་སུ་ཚུད་པའི་ཕུལ་བྱུང་བརྩམས་ཆོས་དེ་དག་བོད་ལྗོངས་དཔེ་མཛོད་ཁང་དང་རང་སྐྱོང་ལྗོངས་དཔེ་སྐྲུན་ཁང་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པའི་༼སྲོལ་བཟང་བུམ་པ་༽གཞོན་ནུ་ལོ་ཆུང་གི་ཕུལ་བྱུང་རྩོམ་ཡིག་བདམས་བསྒྲིགས་ཐོག་ཏུ་བཀོད་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཀློག་པ་པོ་ཚོར་རིན་མེད་སྤྲོད་རྒྱུ་ཡིན།

༤ ཕུལ་བྱུང་གི་རྩོམ་ཡིག་རྣམས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དུས་དེབ་༼བོད་ལྗོངས་རྩོམ་རིག་༽དང་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽ཐོག་ཏུ་འགོད་རྒྱུ་ཡིན།

                       

བདུན་པ། བྱ་དགའི་རྣམ་གྲངས།

ད་ཐེངས་ཀྱི་ཞིབ་དཔྱད་དེ་བོད་ཡིག་ཚོ་ཆུང་དང་རྒྱ་ཡིག་ཚོ་ཆུང་གཉིས་ལ་དབྱེ་ནས། ཁོངས་སུ་ཚུད་པའི་རྩོམ་ཡིག་གི་སྐར་མའི་ཐོབ་གྲངས་མཐོ་དམན་ལ་གཞིགས་ཏེ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཅུ་བཅས་བདམ་རྒྱུ་ཡིན། བྱ་དགའ་ཐོབ་པ་ཚང་མར་བོད་ལྗོངས་དཔེ་མཛོད་ཁང་དང་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་༼སྲོལ་བཟང་བུམ་པ་༽ཡི་རྩོམ་བསྡུའི་འགྲན་བསྡུར་གྱི་བྱ་དགའི་ལག་ཁྱེར་དང་གཟིགས་བཟོས་སྤྲོད་རྒྱུ་ཡིན།

བརྒྱད་པ། ཡིད་གཟབ་གནང་དགོས་པའི་དོན་གནད།

༡ བྱེད་སྒོ་འདི་སྤྱི་ཕན་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་པས་འགྲོ་གྲོན་གང་ཡང་ལེན་རྒྱུ་མིན།

༢ བྱེད་སྒོར་བཞུགས་པའི་བརྩམས་ཆོས་ངེས་པར་དུ་སོ་སོ་རང་གི་གསར་རྩོམ་ཡིན་དགོས་པ་ལས་དཔེ་བཤུས་དང་འཚབ་བྲིས་བྱས་མི་ཆོག དེ་ལས་འགལ་ཚེ་འགྲན་བསྡུར་གྱི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན།

དགུ་པ།  འབྲེལ་བ་བྱེད་ཡུལ།

འབྲེལ་གཏུགས་ཁ་པར།  ༠༨༩༡༦༨༣༣༩༨༤

བཀྲ་བཟང་།  ༡༥༣༤༨༩༨༠༠༤༤

           བོད་ལྗོངས་དཔེ་མཛོད་ཁང་།

བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།༼དུས་དེབ་རྩོམ་སྒྲིག་ཁང་།༽

  ༢༠༡༨ལོའི་ཟླ་བ་༡ཚེས་༨ཉིན།


རྡེབ་གནོན་གྲངས་ཚད། TOP